获取下载链接
歌词

作词 : 那:赤林多吉

作曲 : 向巴达吉

མི་བྲལ་ཡིད་ཀྱི་སྨོན་ལམ།

ཚིག ན་ཆེ་འཕྲིན་ལས་རྡོ་རྗེ།

གདངས། བྱམས་པ་དར་རྒྱས།

རོལ་དབྱངས་བསྒྲིགས་བཟོ། ཀུན་དགའ་ལྷུན་གྲུབ་།

ལེན་མཁན། བསྟན་འཛིན་རྡོ་རྗེ། བཀྲ་ཤིས་སྒྲོལ་དཀར།

སློབ་གླིང་གྲྭ་ཁའི་ཚལ་ནས།

སྙན་འཇིབས་དབྱངས་ཞིག་ཐོས་བྱུང་།

ང་ལ་ ཨོ ་བུ་མོ་སྒྲོལ་དཀར།

ཨོ་་་བརྩེ་བ་གླུ་ལེན་པ་ཨེ་ཡིན།

སྙན་འཇིབས་དབྱངས་ཀྱི་ནང་ནས།

ང་ཡི་སྙིང་གཏམ་བཤད་ཡོད།

སྟག་ཤར་ཨོ་གཞོན་པའི་རྣ་བ།

ཨོ་་་མྱུར་དུ་འཐོས་པའི་སྨོན་ལམ།

ཐལ་མོ་སྙིང་ཁར་སྦར་ནས།

ན་མི་ཡིག་དྲུག་འདྲེན་ཞོར།

མ་འོང་མི་ཚེ་ནང་ལ།

ཨོ་མི་བྲལ་ཡིད་ཀྱི་སྨོན་ལམ།

ལྷག་བསམ་སྟག་ཤར་ཁྱེད་ཀྱི།

བརྩེ་སེམས་ལག་གདང་སྦྲེལ་ཞིང་།

ཟུར་མིག་ཨོ་སེམས་ཀྱི་མདའ་མོ།

ཨོ་བུ་མོ་འི་ཕྱོགས་ལ་འཕེན་བྱུང་།

གཤིས་བཟང་བུ་མོ་སྒྲོལ་དཀར།

བུ་ཆུང་ང་ཡི་སྙིང་ནོར།

སེམས་པ་ཨོ་ཤོར་བའི་མདའ་མོ།

ཨོ་ནམ་ཡང་འགོག་ཐི་བའི་མདོག་མིན་འདུག

ཐལ་མོ་སྙིང་ཁར་སྦར་ནས།

ན་མི་ཡིག་དྲུག་འདྲེན་ཞོར།

མ་འོང་མི་ཚེ་ནང་ལ།

ཨོ་མི་བྲལ་ཡིད་ཀྱི་སྨོན་ལམ།

ཨོ་མི་བྲལ་ཡིད་ཀྱི་སྨོན་ལམ།