获取下载链接
歌词

ལོ་ཁ་ཤས་གོང་ནས་གདམ་ཁ་བྱས་པའི་ལམ་ཁ།

གཞས་མ་གཏམ་གྱི་གདམ་ཁ།

མུ་མཐུད་ནས་བཏང་།

གཞས་དེ་བཏང་།

ངས།

ངས་དེ་ཚོར་སྣང་བ་མ་བཏང་།

སྨྱུ་གུ་དང་སྣག་ཚས་བྲིས་པའི་གཞས་ཚིག།

ཤོག་བུའི་ཐོག་ལ་བྲིས་བྱས།

ང་ང་རང་གི་བསམ་ཚུལ་དེ་མར་གཅིག་བཤད་བསྡད།

སྔོན་མ།

ངས་བསམ་ཚུལ་དེ་ཁ་ན་འཁྱེར་བསྡད།

དུས་ད་ལྟ་བྱ་སྤྱོད་ངོ་མའི་ཐོག་ནས་གསལ་བཤད་བྱས་བསྡད།

ཕྱིན་ཚར་བའི་ལམ་ཁ།

ང་ང་རང་གིས་གདམ་ཁ་བྱས་པའི་ཁ་ཕྱོགས།

མདུན་ཕྱོགས་ཀྱི་ལམ་ཁ་དེ་།

ཕུགས་བསམ་ཁ་ཕྱོགས་གཅིག་པ་མ་ནོར་བ་བྱས།

ལོ་ཆུང་ཆུང་གོང་ནསརང་གིས་བྱེད་སྙིང་འདོད་པའི་ལས་ཀ་བྱས།

ཁ་ཅིག་གིས་རྒྱབ་བསྐྱོར་དང་རྒྱབ་བཤད།

ཡིན་ནའི་ངས་དེ་ཚོ་རོགས་རམ་དང་རོགས་བསྐྱོར་བཀག་འགོག་བརྩིས།

གང་ལྟར་མ་ལྟར་གང་འདྲ་བྱས་ནའི།

ཤི་ནའི་གསོན་ནའི་འཁྱེ་ཡས་ཡོད་ནའི་མེད་ནའི།

དགའ་པོ་བྱས་པ་ཡིན་བསམ་གྱི།

ཕུགས་བསམ་ལམ་ཁ་འདི་ཡི་སྒང་ལ་བློ་འགྱོད་མེད་པ་གཅིག།

བོད་གཞས་མ་གཏམ་གྱི་ལམ་བུ་འདིའི་སྒང་ལ་ང་དང་འདྲ་བའི་རོགས་པ་མང་པོ།

ཁོ་ཚོས་ལ་ཡང་དཀའ་ལས་ཚད་མེད་རྒྱབ།

རེད།

མ་གཞི་ང་ཚོ་ལ་ཡང་ལོ་ཆུང་ཆུང་།

སྤྱི་ཚོགས་སྟེང་གི་གནས་ཚུལ་ཁ་ཅིག་ལ་ཉམས་མྱོང་ཉུང་ཉུང་།

གཅིག་བྱས་ན་མ་འོངས་པའི་དུས་ཚོད་ནང་ལ།

རོགས་རམ་བྱེད་མཁན་བཀག་འགོག་བྱེད་མཁན།

ཐུག་མདོག་ཁ་པོ།

ཡིན་ནའི་ཁ་ཅིག་གིས་ང་ལ་རྒྱབ་པའི་སློབ་གསོ་ནང་བཞིན།

སོ་སོས་སོ་སོའི་ལག་པ་གཉིས་ལ་བརྟེན་ནས།

བྱེད་ཡས་དེ་ཐབས་ཤེས་ཡག་ཤོས།

གཅིག་བྱས་ན་ངའི་བསམ་ཚུལ་འདི་ཡང་ནོར་པ།

རྒྱུས་མེད། ཀ་ཡེ།

གཞས་མ་གཏམ་གྱི་གདམ་ཁ།

གཞས་མ་གཏམ་གྱི་གདམ་ཁ།

མུ་མཐུད་ནས་ཕུགས་བསམ།

མུ་མཐུད་ནས་ཕུགས་བསམ།

གང་ལྟར་མ་ལྟར་གང་འདྲ་བྱས་ནའི།

མུ་མཐུད་ནས་ཕུགས་བསམ།

མུ་མཐུད་ནས་ཕུགས་བསམ།

ཡེ།

ངས་གྲ་སྒྲིག་བྱས་ཚར།

གཅིག་བྱས་ན་ཕུགས་བསམ་དེ།

དོན་དངོས་དང་ཁ་མཐུན་མདོག་ཁ་པོ་མ་རེད།

ཡིན་ནའི་མུ་མཐུད་ནས་མུན་ནག་ཕུགས་བསམ།

ལམ་བུ་འདིའི་སྒང་ལ་ང་ལ་དག་པའི་མུན་སེལ་སྒྲོན་མེ་དེ་འཚལ།

ཕྱིན་ཚར་བའི་ལམ་ཁ།

འགྲོ་རྒྱུ་ཡིན་པའི་ལམ་ཁ།

ང་རང་གིས་བཤད་ཚར་པའི་སྐད་ཆ་ནང་བཞིན།

བློ་འགྱོད་མེད་པ་གཅིག།

ཀྱག་ཀྱོག་ལམ་བུ་འདི་ཡི་སྒང་ལ།

མུ་མཐུད་ནས་མདུན་བསྐྱོད་བྱས།

རྒྱུན་འཁྱོངས་བྱས།

ཡེ།

གཞས་མ་གཏམ་གྱི་གདམ་ཁ།

གཞས་མ་གཏམ་གྱི་གདམ་ཁ།

གཞས་མ་གཏམ་གྱི་གདམ་ཁ།

གཞས་མ་གཏམ་གྱི་གདམ་ཁ།