获取下载链接
歌词

༼ངའི་ཕ་ཡུལ༽

(我的故乡)

ཚིག ཁྱུང་།

词:琼

དབྱངས། བསྟན་འཛིན་ཟླ་བ།

曲:丁增达瓦

གླུ་པ།བསོད་ནམ་ཡེ་ཤེས།

唱:索朗益西

སྔོ་ལྗང་ལྗང་རྩྭ་ཐང་སྟེང་ལ།

རྩི་མེ་ཏོག་དཀར་དམར་མཛེས་སོང་།

ལོ་ཆུང་ཆུང་བུ་དང་བུ་མོ།

དབྱར་ཁའི་སྤང་ལ་འཛོམས་བྱུང་ལོ་།

ང་དགའ་བའི་གནས་མཆོག་ཡ་ལ་རོ།

སྤྲིན་དཀར་པོ་འོག་གི་ཕ་ཡུལ་དེ།

ཡུལ་སྐྱིད་པོ་ལྷ་རི་ལུང་པ་རེད།

གཡང་གི་ནོར་ལུག་འཁོར་ཡོད་ལོ།

ས་ག་སོང་འདི་སོང་བརྗེད་རྒྱུ་རེད།

རང་ཕ་ས་ཕ་ཡུལ་བརྗེད་མེད་རེད།

ངའི་ཕ་ཡུལ་གཡུ་ཡི་ལུང་པ་འདྲ།

གཡང་གི་ནོར་ལུག་འཁོར་ཡོད་ལོ།

ང་དགའ་བའི་གནས་མཆོག ཡ་ལ་རོ་་་་་་

སྤྲིན་དཀར་པོ་འོག་གི་ཕ་ཡུལ་དེ།

ཕ་ཡུལ་ལྷ་རི་ལུང་པ་རེད།

གཡང་གི་ནོར་ལུག་འཁོར་ཡོད་ལོ།

གཡང་དཀར་ནོར་ལུག་འབའ་སྒྲ་སྙན་བྱུང་།

ཁུ་བྱུག་སྔོན་མོའི་གསང་སྐད་དེ་ལས་སྙན།

ང་ཡི་གནས་མཆོག།

ཕ་ཡུལ་ལྷ་རི།

འདོ་བ་རྟ་ཡི་འཚེར་སྐད་ལྷང་སེ་ལྷང་།

ཨེ་མ་ང་ཡི་ཕ་ཡུལ་ཨོ་འོ་འོ་གླུ་ཡི་ཞིང་།