作词 : 藏生梦/民间
作曲 : 藏生梦/民间
༼བྱང་ཐང་སྒོར་གཞས།༽
གཞས་ཚིག་སྒྲིག་བཟོ། ས་མཐོའི་བློ་གསལ་ཁྱུ་ཚོགས།།
དབྱངས། དམངས་གཞས།།
ཚིག། ཕུར་བུ་བཀྲིས།།
ལེན་མཁན། རང་གསལ་དཔལ་ལྡན། ཕུར་བ་འཕྲིན་ལས།།
༜༜༜
༼སྐྱིད་པའི་ཕ་ཡུལ།།༽
རྩེ་ལ་མེ་ཏོག་ཚོན་སྣ་འཛོམས་པའི་ཡུལ།།
བསོ་ ཕྱུག་རིགས་དཀར་ནག་ནམ་མཁའི་སྐར་ཚོགས་འདྲ།།
ས་ལ་སྐྱིད་པོ་བྱང་ཐང་འབྲོག་སྡེ་རེད།།
ས་ལ་སྐྱིད་པོ་བྱང་ཐང་འབྲོག་སྡེ་རེད།།
༜༜༜
བསོ་ སྦྲ་ནག་གྲུ་བཞི་ཕ་ཁྱིམ་ལ་མཛེས་པ་ཞིག་ལ།།
རྩེ་ལ་མེ་ཏོག་ཚོན་སྣ་ལ་འཛོམས་པའི་ཡུལ་ལ།།
བསོ་ ཕྱུག་རིགས་དཀར་ནག་ནམ་མཁའི་ལ་སྐར་ཚོགས་འདྲ་ལ།།
ས་ལ་སྐྱིད་པོ་བྱང་ཐང་ལ་འབྲོག་སྡེ་རེད་ལ།།
བསོ་ རྟ་ལ་འདོ་བའི་བང་རྩལ་ལ་མྱུར་ས་རེད་ལ།།
སྟག་ལ་ཤར་བའི་དཔལ་རྩལ་ལ་ཆེ་ས་རེད་ལ།།
བསོ་ སྨན་སོ་བུ་མོའི་གཤིས་རྒྱུད་ལ་འཇམ་ས་རེད་ལ།།
ས་ལ་སྐྱིད་པོ་བྱང་ཐང་ལ་འབྲོག་སྡེ་རེད་ལ།།
རྟ་ལ་འདོ་བའི་བང་རྩལ་མྱུར་ས་རེད།།
སྟག་ལ་ཤར་བའི་དཔལ་རྩལ་ཆེ་ས་རེད།།
སྨན་སོ་བུ་མོའི་གཤིས་རྒྱུད་འཇམ་ས་རེད།།
ས་ལ་སྐྱིད་པོ་བྱང་ཐང་འབྲོག་སྡེ་རེད།།
ས་ལ་སྐྱིད་པོ་བྱང་ཐང་འབྲོག་སྡེ་རེད།།
བསོ་ རྒན་ལ་མགོ་སེ་ཆོས་སེམས་ལ་ཆེ་སའི་ཡུལ་ལ།།
ཆུང་སོ་བྱིས་པ་བློ་རིག་ལ་བཀྲ་ས་རེད་ལ།།
བསོ། ན་གཞོན་ཕོ་མོའི་མཐུན་སྒྲིལ་ལ་ཟབ་ས་རེད་ལ།།
ས་ལ་སྐྱིད་པོ་བྱང་ཐང་ལ་འབྲོག་སྡེ་རེད་ལ།།
ས་ལ་སྐྱིད་པོ་བྱང་ཐང་ལ་འབྲོག་སྡེ་རེད་ལ།།
༼འཚོ་བ་ཡར་དར་རེད།༽
སྤྱི་ཚོགས་འཚོ་བ་ཡར་དར་རེད།།
རྫས་འགྱུར་ཟས་རེད་གང་མང་རེད།།
ཕུན་གསུམ་ཚོགས་པའི་ཟས་རིགས་དེ།།
འབྲོག་པའི་ཤ་མར་ཐུད་གསུམ་རེད།།
ཕུན་གསུམ་ཚོགས་པའི་ཟས་རིགས་དེ།།
འབྲོག་པའི་ཤ་མར་ཐུད་གསུམ་རེད།།
སྤྱི་ཚོགས་འཚོ་བ་ཡར་དར་རེད།།
རྫས་འགྱུར་ཟས་རེད་གང་མང་རེད།།
ཕུན་གསུམ་ཚོགས་པའི་ཟས་རིགས་དེ།།
འབྲོག་པའི་ཤ་མར་ཐུད་གསུམ་རེད།།
སྤྱི་ཚོགས་འཚོ་བ་ཡར་དར་རེད།།
ར་མ་ལུག་སྐད་ཇི་མང་རེད།།
མེས་པོའི་བཞག་པའི་ཕ་སྐད་འདི།།
ཕ་སྐད་བོད་སྐད་གཙང་མ་རེད།།
སྤྱི་ཚོགས་འཚོ་བ་ཡར་དར་རེད།།
གྱོན་གོས་སྣ་ཚོགས་གྲངས་མང་རེད།།
རང་རིགས་གྱོན་པའི་བོད་ལྭ་འདི།།
གངས་ཅན་བོད་པའི་མཛེས་རྒྱན་རེད།།
རང་རིགས་གྱོན་པའི་བོད་ལྭ་འདི།།
གངས་ཅན་བོད་པའི་མཛེས་རྒྱན་རེད།།
སྤྱི་ཚོགས་འཚོ་བ་ཡར་དར་རེད།།
གྱོན་གོས་སྣ་ཚོགས་གྲངས་མང་རེད།།
རང་རིགས་གྱོན་པའི་བོད་ལྭ་འདི།།
གངས་ཅན་བོད་པའི་མཛེས་རྒྱན་རེད།།
གངས་ཅན་བོད་པའི་མཛེས་རྒྱན་རེད།།
༼ཕ་ཡུལ་བྱང་ཐང།༽
སྟོད་སྤང་རི་སྤང་ཐང་སྤང་གི་མཛོད།།
སྤང་གསེར་པོ་སེར་གྱི་གཞོང་པ་རེད།།
གསེར་གཞོང་པའི་ནང་ལ་འབྲི་བརྒྱ་འཁོར།།
འབྲི་མཐུལ་མའི་རྡང་ཐག་རིང་བར་ཤོག།།
ས་འདི་ཚོ་བྱང་ཐང་སྟོད་པ་རེད།།
སྟོད་སྤང་རི་སྤང་ཐང་ལ་སྤང་གི་མཛོད་ལ།།
སྤང་གསེར་པོ་སེར་གྱི་ལ་གཞོང་པ་རེད་ལ།།
གསེར་གཞོང་པའི་ནང་ལ་འབྲི་བརྒྱ་འཁོར་ལ།།
འབྲི་ལ་མཐུལ་མའི་རྡང་ཐག་ལ་རིང་བར་ཤོག་ལ།།
ས་ལ་འདི་ཚོ་བྱང་ཐང་ལ་སྟོད་པ་རེད་ལ།།
སྡེ་ལ་འདི་ཚོ་ནག་ཚང་ཚོ་དྲུག་རེད་ལ།།
བར་ན་རི་ན་ལུང་ལ་ན་ཡི་མཛོད་ལ།།
ན་ལ་དམར་ཡག་ཟངས་དཀར་ལ་ལུང་བཞི་རེད་ལ།།
ཟངས་ལ་ལུང་བཞིའི་ནང་ལ་ལུག་བརྒྱ་འཁོར་ལོ།།
ལུག་ལ་གཡང་དཀར་བལ་རྩྭ་འཇམ་པར་ཤོག་ལོ།།
ས་ལ་འདི་ཚོ་བྱང་ཐང་ལ་བར་བ་རེད་ལོ།།
སྡེ་ལ་འདི་ཚོ་བྱང་སྡེ་བཞི་རེད་ལ།།
བར་ན་རི་ན་ལུང་སོ་ན་ཡི་མཛོད།།
ན་ལ་དམར་ཡག་ཟངས་དཀར་སོ་ལུང་བཞི་རེད།།
ཟངས་ལ་ལུང་བཞིའི་ནང་སོ་ལུག་བརྒྱ་འཁོར།།
ལུག་ལ་གཡང་དཀར་བལ་རྩྭ་སོ་འཇམ་པར་ཤོག།།
ས་ལ་འདི་ཚོ་བྱང་ཐང་སོ་བར་བ་རེད།།
སྡེ་ལ་འདི་ཚོ་བྱང་སྡེ་བཞི་རེད་ཡ།།
སྨད་ནགས་རི་ནགས་ཀླུང་ལ་ནགས་ཀྱི་མཛོད་ལ།།
ནགས་ལ་རྒྱ་རྫོང་སྦྲ་ནག་ལ་ལིང་བཞི་རེད་ལ།།
སྦྲ་ལ་ལིང་བཞིའི་སྒོ་ལ་རྟ་བརྒྱ་འཁོར་ལ།།
རྟ་ལ་འདོ་བའི་སྲབ་ཁ་ལ་བརྟན་པ་ཤོག་ཡ།།
ས་ལ་འདི་ཚོ་བྱང་ཐང་ལ་སྨད་པ་རེད་ལ།།
སྡེ་ལ་འདི་ཚོ་ཧོར་ཚོ་ལ་སོ་དགུ་རེད་ལ།།
ནུབ་སོ་རྟ་སྐོ་རི་བཀྲ་ལ་རི་བརྒྱས་སྲུང་ལ།།
བྱང་ལ་དཔའ་གཟི་གངས་རྒན་ལ་མཚོ་བརྒྱས་བསྐོར་ཡ།།
ལྷོ་ལ་ལྷ་རི་སྒང་བརྒྱུད་ལ་ཟོག་བརྒྱས་སྲུང་ལ།།
ཤར་ལ་ནགས་ལྷ་འཛམ་པ་ལ་སྡེ་བརྒྱས་བསྐོར་ཡ།།
བར་ལ་གཉེན་ཆེན་ཐང་ལྷ་ལ་དད་པས་སྲུང་ལ།།
ཡུལ་ལ་འདི་ཚོ་བྱང་ཐང་ལ་ལུང་པ་རེད།།