获取下载链接
歌词

作曲 : 扎西加措

编曲 : 扎西加措

བསོད་ནམས་ཞིང་གི་སྐྱེ་འགྲོ།

极乐净土的众生

ཚིག གཙང་ཆོས།

歌词:藏曲

དབྱངས། བཀྲ་ཤིས་རྒྱ་མཚོ།

歌曲:扎西加措

ལེན་མཁན། བཀྲ་ཤིས་རྒྱ་མཚོ།

演唱:扎西加措

བྱང་ཕྱོགས་ཆོས་ལྡན་ཞིང་ནས།།

ཁྲི་ཆེན་གུང་ཐང་བླ་མས།།

དཔལ་ལྡན་དུས་ཀྱི་འཁོར་ལོའི།།

གསུང་གི་གྲུ་ཆར་ཕབ་བྱུང་།།

བསོད་ནམས་ཞིང་གི་སྐྱེ་འགྲོ།།

བསོད་ནམས་ཞིང་ནས་འཛོམས་བྱུང་།།

~

དགེ་འདུན་འདུས་པ་རྒྱ་མཚོ།།

མཇལ་བ་སྐར་ཚོགས་ཁྲག་བརྒྱ།།

དགའ་དད་སྤྲོ་བ་ཆེན་པོས།།

ལུང་བ་གཅིག་ནས་འཛོམས་བྱུང་།།

བསོད་ནམས་ཞིང་གི་སྐྱེ་འགྲོ།།

དམ་ཚིག་གཅིག་གིས་སྦྲེལ་བྱུང་།།

~

ཕ་གཅིག་དྲིན་ཆེན་བླ་མའི།།

གསེར་ཞལ་དངོས་སུ་མཇལ་བས།།

བདག་ཅག་སྐལ་ལྡན་ཚོགས་རྣམས།།

དགའ་བའི་དཔལ་གྱིས་བཟི་སོང་།།

བསོད་ནམས་ཞིང་གི་སྐྱེ་འགྲོ།།

ཇི་འདྲའི་སྐལ་བ་བཟང་སོང་།།

~

དཔལ་ལྡན་རྩ་བའི་བླ་མའི།།

མཛད་བཟང་མི་ནུབ་རྒྱལ་མཚན།།

འདི་ནས་མཐོ་རུ་བཏེགས་ཏེ།།

དེང་ནས་ཉམས་པ་མེད་ཤོག།

བསོད་ནམས་ཞིང་གི་སྐྱེ་འགྲོས།།

གསོལ་བ་སྙིང་ནས་འདེབས་སོ།།