获取下载链接
歌词

作曲 : 索扎

录音:索扎

母带:索扎

音乐制作人:索扎

监制:成都威士达文化传媒有限公司

ང་གཞན་ལ་འགྲོ་དོན།

སྐྱ་རེངས་བཀྱགས་དུས་ང་རང་ཡུལ་ན་མེད།

གླ་གཏོང་སྔོན་པོ་ཞིག་ལ་བསྡད་དེ།

གྲོང་ཁྱེར་གཞན་ཞིག་ཏུ་སྙེག་དགོས་བྱུང་སོང་།

རི་སྒང་གི་སྨུག་པ་རླུང་ལ་འདྲེས་པ་བཞིན།

བུ་མོ་ཞིག་གི་བརྩེ་བ་སྙེག་བཞིན།

ཁྱེད་རང་ཚོ་རྨང་ནས་བསྐྱུར་དགོས་བྱུང་སོང་།

ཕ་མ་ལགས། ང་ལ་སྡིག་པོ་མ་གནང་།

རང་སྣང་གི་འཇིག་རྟེན་འདི་ནས།

ངས་རང་ཉིད་མ་ཁོག

ནམ་ཞིག་ལས་དབང་གི་རྟ་ཕོ་ངད་དུས།

ངའི་མགོ་བོ་ཕ་ཡུལ་གྱི་པང་ལ་བསྲིང་སྲིད།

ཧོ་་་་་་་

ཧོ་་་་་་་

དབྱར་ཁ་སླེབས་དུས་ང་གཞན་ཡུལ་ན་མེད།

རླུང་བུ་འཁྱམས་པོ་ཞིག་དང་འགྲོགས་ནས།

རྒྱང་རིང་རྒྱང་རིང་ཞིག་ལ་ང་བུད་སོང་།

གནམ་སྔོན་གྱི་སྤྲིན་པ་སྤྲིན་པས་དེད་པ་བཞིན།

ངས་རང་སེམས་ཀྱི་གསང་བ་དེ་ཁྱེར་བཞིན།

གྲོགས་པོ་ཚོ་བསྐྱུར་དགོས་བྱུང་སོང་།

བུ་མོ་ལགས། ང་ལ་སྡིག་པོ་མ་གནང་།

འུར་ཟིང་གི་འཇིག་རྟེན་འདི་ནས།

ངས་བཟོད་སྲོན་མ་ཐུབ།

ནམ་ཞིག་རང་དབང་གི་ཀི་སྒྲ་ཐོས་དུས།

ངའི་སེམས་པ་ཁྱོད་ཚོའི་ལག་ཏུ་འཇོག་ངེས།

ཧོ་་་་་་་

ཧོ་་་་་་་

未经作者授权