作词 : 岗华
作曲 : 三智才让
ངང་སྒུག
གཞས་ཚིག གངས་དཔལ།
གཞས་གདངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། པདྨ་ཡེ་ཤེས།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
ལྷ་ས་སྐྱིད་ན་འདི་རེད།།
ར་ས་སྡུག་ན་འདི་རེད།།
གཡུ་ཐོག་ཟམ་པའི་སྣེ་ལ།།
སྐྱིད་སྡུག་ཁ་ཆར་ཉིས་འཛོམས།།
འགྲོ་དགོས་འགྲོ་དགོས་ལས་ལ་བསྐོས་ཀྱང་།
འདུག་དགོས་འདུག་དགོས་ཟམ་པས་གསུང་བྱུང་།
གཡུ་ཐོག་ཟམ་པའི་སྟེང་གི།
སྐུ་སྲས་ཉི་མ་རང་ཤར།།
ཨོ་ཧོ།ཨོ་ཧོ། ཨོ་ཧོ།ཉི་མ་རང་ཤར།
གཡུ་ཐོག་ཟམ་པ་བརྒྱུད་ན།།
ཁ་ཁར་གྱེས་པ་མ་རེད།།
གཡུ་ཐོག་ཟམ་པ་མེད་ཀྱང་།།
ཐུག་འཕྲད་མེད་པ་མ་རེད།།
འགྲོ་དགོས་འགྲོ་དགོས་ལས་ལ་བསྐོས་ཀྱང་།
འདུག་དགོས་འདུག་དགོས་ཟམ་པས་གསུང་བྱུང་།
གཡུ་ཐོག་ཟམ་པའི་སྟེང་གི།
སྐུ་སྲས་ཉི་མ་རང་ཤར།།
ཨོ་ཧོ།ཨོ་ཧོ། ཨོ་ཧོ།ཉི་མ་རང་ཤར།
མིག་གི་རྒྱལ་མོའི་མཁའ་ན།།
སྡུག་གི་སྤྲིན་པ་མེད་ཀྱང་།།
མཆི་མའི་བསིལ་ཆར་འཐོར་བ།།
གཡུ་ཐོག་ཟམ་པའི་སྐྱོ་རོགས།།
འགྲོ་དགོས་འགྲོ་དགོས་ལས་ལ་བསྐོས་ཀྱང་།
འདུག་དགོས་འདུག་དགོས་ཟམ་པས་གསུང་བྱུང་།
གཡུ་ཐོག་ཟམ་པའི་སྟེང་གི།
སྐུ་སྲས་ཉི་མ་རང་ཤར།།
ཨོ་ཧོ།ཨོ་ཧོ། ཨོ་ཧོ།ཉི་མ་རང་ཤར།