作词 : 雪龙珠扎
作曲 : 雪龙珠扎
编曲 : 雪龙珠扎
རྒྱ་མཚོ་ཁ་ལ་ཡོད་པའི།།
མཛེས་པའི་ཚེ་རིང་བུམ་པ།།
ཚེ་རིང་བུམ་པ་ཡག་བྱུང་།།
འཛམ་བུ་གླིང་གི་ནོར་བུ།།
ཚེ་རིང་བུམ་པ་ཡག་བྱུང་།།
འཛམ་བུ་གླིང་གི་ནོར་བུ།།
རྒྱ་གར་ཕྱོགས་ལ་ཡོད་པའི།།
མཛེས་པའི་ཙན་དན་ཆོས་ཁྲི།།
ཙན་ལྡན་ཆོས་ཁྲི་ཡག་བྱུང་།།
ཚེ་རིང་བུམ་པ་བཞུགས་ཁྲི།།
ཙན་ལྡན་ཆོས་ཁྲི་ཡག་བྱུང་།།
ཚེ་རིང་བུམ་པ་བཞུགས་ཁྲི།།
རྒྱ་ནག་ཕྱོགས་ལ་ཡོད་པའི།།
མཛེས་པའི་དར་མཚོན་སྣ་ལྔ།།
དར་མཚོན་སྣ་ལྔ་ཡག་བྱུང་།།
ཚེ་རིང་བུམ་པའི་རྒྱན་ཆ།།
ཚེ་རིང་བུམ་པའི་རྒྱན་ཆ།།
དར་རྩེ་མདོ་ལ་ཡོད་པའི།།
མཛེས་པའི་བཀྲ་ཤིས་དར་དཀར།།
བཀྲ་ཤིས་དར་དཀར་ཡག་བྱུང་།།
ཚེ་རིང་བུམ་པའི་རྒྱན་ཆ།།
ཚེ་རིང་བུམ་པའི་རྒྱན་ཆ།།
ལྷ་སའི་ཁྲོམ་ལ་ཡོད་པའི།།
མཛེས་པའི་རྨ་བྱའི་སྒྲོ་མདོངས།།
རྨ་བྱའི་སྒྲོ་མདོངས་ཡག་བྱུང་།།
ཚེ་རིང་བུམ་པའི་རྒྱན་ཆ།།
ཚེ་རིང་བུམ་པའི་རྒྱན་ཆ།།
རྨ་བྱའི་སྒྲོ་མདོངས་ཡག་བྱུང་།།
ཚེ་རིང་བུམ་པའི་རྒྱན་ཆ།།
ཚེ་རིང་བུམ་པའི་རྒྱན་ཆ།།