作词 : 仁增南加
作曲 : 智王桑珠
编曲 : 智王桑珠
男:
ལས་ཀྱི་བསྐོས་པའི་མི་དེ།
ལམ་གྱི་ནོར་བུ་ཡིན་འདྲ།
ལས་དང་ལམ་གྱི་བར་ནས།
ཆུང་འདྲིས་ཁྱེད་དང་མཇལ་བྱུང་།
女:
བྱམས་པ་སྙིང་གི་ནོར་བུ།
ལས་འབྲས་སྨིན་པ་བྱུང་སོང་།
སེམས་དང་བསམ་པའི་བར་ནས།
དམ་བཅའ་སྙིང་ལ་བཀོད་ཡོད།
合:
རྩེ་བ་གཡུང་དྲུང་རི་མོ།
མི་འགྱུར་རྡོ་རྗེའི་མདུད་པ།
སེམས་ཀྱི་མེ་ལོང་ནང་དུ།
བསྐོས་པའི་རི་མོ་ཤར་འདུག
མེ་ཏོག་མིག་ལ་མཛེས་སོང་།
མཛའ་གཞས་རྣ་ལ་སྙན་སོང་།
ཆུང་འདྲིས་འུ་གཉིས་བར་ན།
ལས་མཐུན་བྱུང་རྒྱུ་ཡག་སོང་།
བརྩེ་གླུ་དབྱངས་ཀྱི་མགུར་མ།
དྲན་པའི་སེམས་ལ་ཐིམ་སོང་།
མཉམ་དུ་འཛོམས་པའི་མི་ལ།
གོམ་ཆུང་བདེ་མོའི་མཇལ་འགྲོ།
བརྩེ་གླུ་དབྱངས་ཀྱི་མགུར་མ།
དྲན་པའི་སེམས་ལ་ཐིམ་སོང་།
མཉམ་དུ་འཛོམས་པའི་མི་ལ།
གོམ་ཆུང་བདེ་མོའི་མཇལ་འགྲོ།
མེ་ཏོག་མིག་ལ་མཛེས་སོང་།
མཛའ་གཞས་རྣ་ལ་སྙན་སོང་།
ཆུང་འདྲིས་འུ་གཉིས་བར་ན།
ལས་མཐུན་བྱུང་རྒྱུ་ཡག་སོང་།