作词 : 热振·格桑
作曲 : 热振·格桑
编曲 : 热振·格桑/极地音符发布
ང་ཡི་འཇིག་རྟེན།
ཚིག་དབྱངས། རྭ་སྒྲེང་བཟང་།
གླུ་བ། རྭ་སྒྲེང་སྐལ་བཟང་།
དྲྭ་ལམ་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ངའི་ཕ་མ། ངའི་སྤུན་མཆེད།
བརྩེ་དུང་ཟབ་མོ་ཡོད།
ཤ་རུས་ལ་རིན་ཐང་ཡོད།
སྔོན་ཆད་ཡོད།
ད་ལྟ་ཡང་ཡོད
མི་རབས་ནས་མི་རབས།
འདི་ལྟར་འཚོ་རྒྱུ་ཡིན།
ངའི་གྲོགས་པོ།
ངའི་བློ་ཐུབ།
ལ་རྒྱ་ཟབ་མོ་ཡོད།
གཅིག་ཕན་གཅིག་རོགས་ཡིན།
དེ་སྔོན་ཡོད།
ད་ལྟ་ཡང་ཡོད།
བཟའ་བཏུང་གི་གྲོགས་པོ་ཙམ་མིན་པར།
སྐྱིད་སྡུག་མཉམ་མྱོང་ཡིན།
ངའི་ཆུང་འདྲིས།
ངའི་སྙིང་སྡུག
ལྷད་མེད་ཀྱི་བརྩེ་དུང་ཡོད།
བརྩེ་དུང་ལ་སྙིང་རྗེ་ཡོད།
ཕན་ཚུན་དགའ་བའི་བརྩེ་དུང་དེ།
ཤི་ནས་བྲལ་བ་མ་གཏོགས།
གསོན་བྲལ་མེད་པའི་དམ་བཅའ།
ངའི་འཇིག་རྟེན།
འཁོར་བ་འདི།
སྐྱིད་སྡུག་གཉིས་ལས་གྲུབ།
བཟང་ངན་གཉིས་ལས་གྲུབ།
བདེ་བ་ཡོད།
སྡུག་བསྔལ་ཡོད།
དགའ་སྐྱོ་འདྲེས་མའི་འཚོ་བ་འདི།
ང་ཡི་འཇིག་རྟེན་ཡིན།
བདེ་བ་ཡོད།
སྡུག་བསྔལ་ཡོད།
དགའ་སྐྱོ་འདྲེས་མའི་འཚོ་བ་འདི།
ང་ཡི་འཇིག་རྟེན་ཡིན།