获取下载链接
歌词

作词 : 热西·嘎玛桑登

作曲 : 索朗达吉(女歌手)

སེམས་དགའ་བྱུང་སྐྱིད་བྱུང་སྤྲོ་བྱུང་ལགས།

དུས་དེ་རིང་འཛོམས་པ་ལེགས་བྱུང་ལགས།

རོགས་ངེད་གཉིས་མ་མཇལ་ཡུན་རིང་སོང་།

སེམས་བསམ་པའི་སྙིང་གཏམ་དེ་རིང་གླེང་།

ངག་སྙན་མོའི་གླུ་དབྱངས་གྲོགས་པོ་ཁྱེད་ལ་ལེན།

བཀྲ་ཤིས་པའི་ཁ་བཏགས་གྲོགས་པོ་ཁྱེད་ལ་འབུལ།

བློ་བདེ་སོང་ཚིམ་སོང་ཁེངས་སོང་ལགས།

དུས་དེ་རིང་འཛོམས་པ་ལེགས་བྱུང་ལགས།

རོགས་ངེད་གཉིས་མ་མཇལ་ཡུན་རིང་སོང་།

ལུས་ཤ་ཁྲག་ཐོད་པ་དེ་རིང་གཏུག

ངག་སྙན་མོའི་གླུ་དབྱངས་གྲོགས་པོ་ཁྱེད་ལ་ལེན།

ཟས་ཞིམ་པོའི་སྟོན་མོ་གྲོགས་པོ་ཁྱེད་ལ་རྒྱག

དུས་བཟང་བྱུང་དགེ་བྱུང་ཡག་བྱུང་ལགས།

དུས་དེ་རིང་འཛོམས་པ་ལེགས་བྱུང་ལགས།

རོགས་ངེད་གཉིས་མ་མཇལ་ཡུན་རིང་སོང་།

མཚར་རྩེད་མོའི་དགོད་སྒྲ་དེ་རིང་སྒྲོག

ངག་སྙན་མོའི་གླུ་དབྱངས་གྲོགས་པོ་ཁྱེད་ལ་ལེན།

གོས་མཛེས་མོའི་གཟབ་སྤྲོས་ཁྱེད་ལ་གཡོགས།

ཁྱེད་དགའ་ཤོག་སྐྱིད་ཤོག་སྤྲོ་ཤོག་ལགས།

དུས་དེ་རིང་འཛོམས་པ་ལེགས་ཤོག་ལགས།

རོགས་ངེད་གཉིས་མ་མཇལ་ཡུན་རིང་སོང་།

ལས་བྱ་བའི་གྲོས་འགོ་དེ་རིང་བཟུང་།

ངག་སྙན་མོའི་གླུ་དབྱངས་གྲོགས་པོ་ཁྱེད་ལ་ལེན།

ཚིག་བཟང་པོའི་སྨོན་ལམ་གྲོགས་པོ་ཁྱེད་ལ་འདེབས།